《集体舞之四 欢聚一堂》lrc歌词
བཀྲ་ཤིས་བཀྲ་ཤིས་དང་པོ།།
ཐོ་རངས་སྐར་ཆུ་ལེན་འགྲོ།།
སྐར་ཆུ་ཇ་རུ་བསྐོལ་ནས།།
ཁྱིམ་ལ་བཀྲ་ཤིས་བྱིན་ཆགས།།
བཀྲ་ཤིས་བཀྲ་ཤིས་གཉིས་པ།།
ཕྱེ་མར་ཆང་ཕུད་འབུལ་འགྲོ།།
ཞལ་གྱི་སྨོན་ཚིག་བཟང་པོས།།
ཁྱིམ་ལ་བདེ་ལེགས་རང་འཁོར།།
བཀྲ་ཤིས་ལོ་གསར་བཀྲ་རེ་ཤིས་པར་ཤོག།
ང་ཚོའི་ཁྱིམ་ལ་གཡང་རེ་ཆགས་པར་ཤོག།
བཀྲ་ཤིས་བཀྲ་ཤིས་གསུམ་པ།།
ཞོ་དང་འོ་མའི་མཆོད་ཁ།།
ཞིམ་མངར་བཅུད་ཀྱིས་གཏམས་པས།།
འབྲོག་ལ་ཁ་བྲོ་བཀྲ་ཤིས།།
བཀྲ་ཤིས་བཀྲ་ཤིས་བཞི་པ།།
ནང་མི་དགའ་འཛོམས་དགོད་སྒྲ།།
གླུ་དང་གར་གྱི་མཆོད་པས།།
མི་ལ་བསོད་ནམས་ཡར་འཕེལ།།
བཀྲ་ཤིས་ལོ་གསར་བཀྲ་རེ་ཤིས་པར་ཤོག།
ང་ཚོའི་ཁྱིམ་ལ་གཡང་རེ་ཆགས་པར་ཤོག།
新年祥瑞之首
背来晨星之水
熬茶飘香满帐
使家吉祥美满
新年祥瑞之二
敬献青稞之酒
祈祷吉祥之词
使家平安富足
祝愿新年年年祥瑞
祝愿藏地富足美满
新年祥瑞之三
香醇酸乳奶茶
敬献香甜奶茶
牧人吉祥如意
新年祥瑞之四
兄弟欢聚一堂
敬献歌舞一曲
祝愿福报满满
祝愿新年年年祥瑞
祝愿藏地富足美满
未经许可,不得翻唱或使用
